PAN L10n Wiki : page1

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

རྫོང་ཁ་ལི་ནགསི་ གཞི་བཙུགས་ལག་དེབ།


རྫོང་ཁ་ཌི་བི་ཡཱན་ལི་ནགསི་གཞི་བཙུགས་པ་འདི་ ཌི་བི་ཡཱན་ཚད་རིས་གཞི་བཙུགས་པའི་ སྲོལ་སྒྲིག་འབད་ཡོད་པའི་ཐོན་རིམ་ཅིག་ཨིནམ་དང་ གོ་དཀའ་བའི་སྐད་རིགས་ དཔེར་ན་ རྫོང་ཁའི་སྐད་ཡིག་ཡང་གཞི་བཙུགས་འབད་ནི་ལུ་སྟབས་བདེ་ཏོག་ཏོ་ཡོདཔ་ཨིན། རྫོང་ཁ་ཌི་བི་ཡཱན་ལི་ནགསི་གི་ཐོག་ལུ་ཡོད་པའི་གཞི་བཙུགས་པ་འདི་ སྲོལ་སྒྲིག་འབད་ཡོདཔ་ལས་ ང་བཅས་ཀྱིས་ རྫོང་ཁ་དང་ཨིང་སྐད་གང་རུང་གི་ཐོག་ལས་ གཞི་བཙུགས་འབད་བཏུབ་ཨིན།

༡. ཁྱོད་ཀྱིས་ གློག་རིག་འདི་ རྫོང་ཁ་ཌི་བི་ཡཱན་ལི་ནགསི་གཞི་བཙུགས་སི་ཌི་ ལག་ལེན་འཐབ་ཐོག་ལས་ བུཊི་འབད་བའི་ཚེ་ ཌི་བི་ཡཱན་ལས་རྟགས་དང་བཅས་ གྲོགས་རམ་གྱི་དོན་ལུ་ ཨེཕ་༡ ཡང་ན་ བུཊི་འབད་ནི་ལུ་ བཙུགས་ལུ་ཨེབས་ཟེར་བའི་གསལ་གཞི་ཅིག་སྟོན་འོང་། དེ་ལས་ བཙུགས་ལུ་ཨེབས་ཏེ་གཞི་བཙུགས་འབད་ནི་འགོ་བཙུགས།
installation

༢. དེ་གི་ཤུལ་ལས་ གཞི་བཙུགས་འབད་ནི་ལུ་ ཨིང་སྐད་དང་རྫོང་ཁ་གཉིས་ལས་ སྐད་ཡིག་ག་ཅིག་གི་ཐོག་ལུ་འབད་ནི་ཨིན་ན་ གདམ་ཁ་རྐྱབ་དགོ།

image

༣. སྐད་ཡིག་གདམ་ཁ་རྐྱབ་ཞིནམ་ལས་ འཕྲོ་མཐུད་ལུ་ཨེབ་གཏང་འབད། དེ་གི་ཤུལ་མའི་གསལ་གཞི་གཉིས་ཀྱིས་ སི་ཌི་-རཱོམ་འཚོལ་ཏེ་ ཞིབ་ལྟ་འབད་ནི་དང་ སི་ཌི་-རཱོམ་ནང་ལས་ ཁ་སྐོང་ཅན་གྱི་གཞི་བཙུགསཔ་ཆ་ཤས་ཚུ་ མངོན་གསལ་འབད་ནི་ལུ་ སྲ་ཆས་ཀྱི་སྐྱོན་འཛིན་ཚུ་སྟོནམ་ཨིན།

image

༤. དེའི་ཤུལ་མ་ ཡོངས་འབྲེལ་གྱི་སྐྱོན་འཛིན་དང་རིམ་སྒྲིག་སྟོན་འོང་། རྫོང་ཁ་ཌི་བི་ཡཱན་ལི་ནགསི་གཞི་བཙུགས་འབད་མི་གློག་རིག་ལུ་ གློག་ཐག་ཅན་གྱི་ཡོངས་འབྲེལ་མཐུད་ལམ་ཡོད་པ་ཅིན་ གཞི་བཙུགས་པ་གིས་ ཌི་ཨེཆ་སི་པི་ སར་བར་ལས་ གློག་རིག་ཨའི་པི་ཁ་བྱང་ལེན་ནིའི་འབད་རྩོལ་བསྐྱེད་འོང་། གལ་སྲིད་ ག་དེམ་ཅིག་སྦེ་ དེ་གིས་ གློག་རིག་ཨའི་པི་ཁ་བྱང་འདི་ ཐོབ་མ་ཚུགས་པ་ཅིན་ དོ་རུང་ཚར་ཅིག་ཡོངས་འབྲེལ་རིམ་སྒྲིག་འཐོབ་ནིའི་འབད་རྩོལ་བསྐྱེད་ནི་དང་ ཡང་ན་ གཞི་བཙུགས་འབད་ཚར་ཞིནམ་ལས་ འབད་ནི་གི་དོན་ལུ་ སྐབས་ཅིག་འབད་བཤོལ་རུང་ བཏུབ་པའི་གསལ་གཞི་ཅིག་སྟོན་འོང་།

image

༥. ཡོངས་འབྲེལ་རིམ་སྒྲིག་གི་ཤུལ་ལས་ ཌིཀསི་བར་བཅད་བཟོ་ནི་འགོ་བཙུགསཔ་ཨིན། ཌིཀསི་བར་བཅད་ཀྱི་གསལ་གཞི་དང་པམ་དེ་ནང་ ཌིཀསི་ཚུ་ཞིབ་ལྟ་འབད་ནི་དང་བར་བཅད་ལས་རིམ་ངོ་མ་འདི་ འགོ་བཙུགས་ནི། ཌིཀསི་བར་བཅད་བཟོ་ནི་འདི་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་དང་གཞི་བཙུགས་ལས་རིམ་གྱི་གྲས་ལས་ ལཱ་ཁག་ཤོས་ཅིག་ཨིན། གཞན་ཡང་ བར་བཅད་བཟོ་མ་ཤེས་པ་ཅིན་ ཧེ་མ་ལས་ཡོད་པའི་གནད་སྡུད་དང་ཧརཌི་ཌ་ཡིབ་ནང་ལས་ བཀོལ་སྤྱོད་རིམ་ལུགས་ཚུ་ བཏོན་གཏང་ནིའི་ཉེན་ཁ་ཡོདཔ་ཨིན།

image

རྫོང་ཁ་ལི་ནགསི་ལུ་ གཞི་བཙུགས་འབད་ཐངས་རྣམ་པ་གཉིས་ཡོད། དེ་ཡང་ བཀོལ་སྤྱོད་རིམ་ལུགས་མེད་པའི་ཧརཌི་ཌ་ཡིབ་གསརཔ་ཅིག་ནང་གཞི་བཙུགས་འབད་ནི་དང་ ཟུང་ལྡན་སྦེ་བུཊི་འབད་བཏུབ་ནི་གི་དོན་ལུ་ ཝིན་ཌཱོསི་བཀོལ་སྤྱོད་རིམ་ལུགས་དང་བཅས་ གཞི་བཙུགས་འབད་ནི་བཅས་གཉིས་ཨིན། གཞི་བཙུགས་འབད་ནིའི་ཐབས་ལམ་གཉིས་ཀུ་ འོག་ལུ་ཁ་གསལ་སྦེ་བཀོད་དེ་ཡོད།

རྫོང་ཁ་ལི་ནགསི་འདི་ ཧརཌི་ཌ་ཡིབ་གསརཔ་ཅིག་ནང་ གཞི་བཙུགས་འབད་ཐངས།
བཀོལ་སྤྱོད་རིམ་ལུགས་ ཡང་ན་ ཧེ་མ་ལས་གནད་སྡུད་མེད་པའི་ཧརཌི་ཌ་ཡིབ་གསརཔ་ཅིག་ནང་ གཞི་བཙུགས་འབད་ནི་འདི་ ཐབས་ལམ་འཇམ་ཤོས་ཅིག་ཨིན། དེ་ཡང་ ག་ཅི་སྦེ་སྨོ་ཟེར་བ་ཅིན་ ལག་ལེན་པ་གིས་ ཧརཌི་ཌ་ཡིབ་ བར་བཅད་ག་ནི་ཡང་འབད་མ་དགོ་པར་ ཕྲང་ཕྲང་ར་ གཞི་བཙུགས་འབད་བཏུབ་ཨིན།
གཞི་བཙུགས་པའི་གསལ་གཞི་ “བར་བཅད་ཌིཀསི་”ནང་ ལག་ལེན་པའི་དོན་ལུ་ གདམ་ཁ་གཉིས་སྦེ་ཡོདཔ་ཨིན། ཁྱོད་ཀྱིས་ “ལམ་སྟོན་ཅན་ - ཌིཀསི་ཧྲིལ་བུ་ལག་ལེན་འཐབ་ “འདི་ གདམ་ཁ་བརྐྱབ་པ་ཅིན་ རྫོང་ཁ་ལི་ནགསི་གི་ཌིཀསི་ཧྲིལ་བུ་ལག་ལེན་འཐབ་པའི་ཁར་ ཌིཀསི་གི་བར་སྟོང་ རྩིས་བཏོན་ཞིནམ་ལས་ རང་བཞིན་གྱིས་ བར་བཅད་བཟོ་འོང་།

There are 1795 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.5457 seconds