Oldest known version of this page was edited on 2007-10-17 22:25:26 by UdenSherpa []
Page view:
ཨི་བོ་ལུ་ཤཱན་ཡིག་འཕྲིན།
ཨི་བོ་ལུ་ཤཱན་ཡིག་འཕྲིན་འདི་ སྟབས་བདེ་ཏོག་ཏོ་དང་མགྱོགས་དྲགས་ དེ་ལས་ ཚད་ལྡན་གྱི་ཇི་ནོམ་གློག་འཕྲིན་ཞབས་ཏོག་སྤྱོད་མི་ཅིག་ཨིནམ་དང་ དེ་གིས་ རྒྱ་ཆེ་བའི་གུ་རུབ་ཝེར་དང་རང་དོན་གྱི་བརྡ་དོན་འཛིན་སྐྱོང་ལས་འགན་(ཁ་བྱང་ཀི་དེབ་འདི་ མཉམ་སྒྲིལ་ཐུམ་སྒྲིལ་ནང་ ཉིན་དེབ་དང་འཛིན་སྐྱོང་འཐབ་ནི་) རྒྱབ་སྐྱོར་འབདཝ་ཨིན།
ཨི་བོ་ལུ་ཤཱན་ཡིག་འཕྲིན་རྩིས་ཐོ་ རིམ་སྒྲིག་འབད་ཐངས་:
གློག་རིམ་ > ཡིག་ཚང་ > ཨི་བོ་ལུ་ཤཱན་ལུ་འགྱོ་(ཡང་ན་ ལྟག་གི་པེ་ནཱལ་ལས་ ཐད་ཀར་དུ་གསར་བཙུགས་པའི་གུ་ཨེབ་གཏང་འབད་)།
འགོ་བཙུགས་ནི་གི་དོན་ལུ་ ཡིག་འཕྲིན་རིམ་སྒྲིག་ཌའི་ལོག་སྒྲོམ་ནང་ལས་ གདོང་བསྐྱོད་གུ་ཨེབ་གཏང་འབད།
དེ་ལས་ མིང་ཆ་ཚང་དང་གློག་འཕྲིན་ཁ་བྱང་(ID) ཐོ་བཀོད་འབད། དཔེར་ན་ མིང་ཆ་ཚང་: བདེ་ཆེན་དབང་མོ་དང་ གློག་འཕྲིན་ཁ་བྱང་:riegzieng@gmail.com) ཐོ་བཀོད་འབད་ཞིནམ་ལས་ གདོང་བསྐྱོད་གུ་ཨེབ་གཏང་འབད་ནི།
༡. ཁྱོད་རའི་གློག་འཕྲིན་རྩིས་ཐོའི་ 'སར་བར་དབྱེ་བ་' དང་ 'སར་བར་ཁ་བྱང་' སེལ་འཐུ་འབད་ཞིནམ་ལས་ ཐོབ་ལན་ཡིག་འཕྲིན་ཌའི་ལོག་ལུ་ཨེབ་གཏང་འབད། དཔེར་ན་ སར་བར་དབྱེ་བ་: པི་ཨོ་པི་དང་སར་བར་ཁ་བྱང་: mail1.druknet.bt. གཞན་ཡང་ དར་ཁྱབ་ཆེ་བའི་སར་བར་དབྱེ་བ་ གཉིས་ཡོད་:
པི་ཨོ་པི་: ཁྱོད་རའི་གློག་འཕྲིན་འདི་ ཧརཌི་ཌིཀསི་ལུ་ཕབ་ལེན་འབད་ཐོག་ལས་ གཏན་འཇགས་བསགས་མཛོད་ཀྱི་དོན་ལུ་ ཨི་བོ་ལུ་ཤཱན་གྱི་ས་སྟོང་ སྟོངམ་བཏོནམ་ཨིན།
ཨའི་ཨེམ་ཨེ་པི་: ཁྱོད་རའི་གློག་འཕྲིན་འདི་ སྣ་མང་རིམ་ལུགས་ནང་ལས་འཛུལ་སྤྱོད་འབད་ནི་ལུ་ གློག་འཕྲིན་སར་བར་གུ་བཞག་ཐོག་ལས་ ཨའི་ཨེམ་ཨེ་པི་འདི་ རིམ་སྒྲིག་གི་དོན་ལུ་ལག་ལེན་འཐབ་ཨིན།
༢. དེ་མ་ཚད་ ལག་ལེན་པ་ཚུ་གིས་ ཡིག་འཕྲིན་ཐོབ་ལེན་ཌའི་ལོག་སྒྲོམ་ གཞི་སྒྲིག་འབད་ནི་དང་ 'འཕྲིན་དོན་འདི་སར་བར་གུ་བཞག་' དཔྱད་སྒྲོམ་ ལྕོགས་ཅན་བཟོ་སྟེ་ འཕྲིན་དོན་སར་བར་གུ་བཞག་ཐོག་ལས་ ཡིག་འཕྲིན་གསརཔ་ཚུ་ རང་བཞིན་གྱིས་ཞིབ་དཔྱད་འབད་བཏུབ་ཨིན། དེ་ལས་གདོང་བསྐྱོད་ལུ་ཨེབ་གཏང་འབད།
༣. 'གློག་འཕྲིན་གཏང་བའི་རིམ་སྒྲིག་ ' ནང་ ཧོསཊི་ནེམ་ ཐོ་བཀོད་འབད་ཐོག་ལས་ ' ཨེསི་ཨེམ་ཊི་པི་ ' འདི་ སྔོན་སྒྲིག་སར་བར་དབྱེ་བ་སྦེ་ སེལ་འཐུ་འབད་(དཔེར་ན་འབྲུག་ནེཊི་རྩིས་ཐོ་ཅིག་གསར་བསྐྲུན་འབད་ནི་ལུ་ mail1@druknet.bt བཟུམ་)། དེ་ལས་ གདོང་བསྐྱོད་གུ་ཨེབ་གཏང་འབད་དེ་ འཕྲོ་མཐུད་འབད།
༤. སྔོན་སྒྲིག་གི་ཐོག་ལས་ ཁྱོད་ཀྱི་རྩིས་ཐོའི་བརྡ་དོན་མིང་འདི་ ' རྩིས་ཐོ་འཛིན་སྐྱོང་ ' ཌའི་ལོག་སྒྲོམ་ནང་ ཁྱོད་རའི་གློག་འཕྲིན་ཁ་བྱང་ལུ་གཞི་སྒྲིག་འབད་འོང་། གདོང་བསྐྱོད་གུ་ཨེབ་གཏང་འབད་དེ་འཕྲོད་མཐུད་འབད།
༥. གདམ་ཐོའི་ནང་ལས་ ཆུ་ཚོད་གླིང་སྡེ་(ཨེ་ཤི་ཡ་/ཐིམ་ཕུག་) སེལ་འཐུ་འབད།
༦. ཨི་བོ་ལུ་ཤཱན་ ཡིག་འཕྲིན་རྩིས་ཐོའི་རིམ་སྒྲིག་འབད་ཚར་ཐབས་ལུ་ འཇུག་སྤྱོད་འབད་ལུ་ཨེབ་གཏང་འབད།