PAN L10n Wiki : GraphicsInternetPage9

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
Oldest known version of this page was edited on 2007-10-17 21:41:10 by UdenSherpa []
Page view:

ཨིངསི་ཀེབ་ ཨེསི་ཝི་ཇི་ རོ་མོ་མཁན།


ཨིངསི་ཀེབ་ ཨེསི་ཝི་ཇི་ རོ་མོ་མཁན་ཟེར་མི་འདི་ ག་ར་གྱིས་འཐོབ་ཚུགས་པའི་ གློག་རིག་ལས་རིམ་ཅིག་ཨིན། འདི་ལུ་ཁྱད་ཆོས་ལྷཔ་པ་མ་འདྲཝ་ལེ་ཡོད། འདི་ཚུ་ཡང་ གཞི་རྟེན་དབྱིབས་དང་ འགྲུལ་ལམ་ ངོ་འདྲ་ རྟགས་བཀོདཔ་ ཨཱལ་ཕ་མཉམ་སྡེབ་འབད་ནི་ བཟོ་བསྒྱུར་ ཚིག་ཡིག་ སྟེགས་རིས་ དེ་ལས་སྡེ་ཚན་བཟོ་ནི་ཚུ་ཡོདཔ་ཨིན།
འདི་གི་ཡང་མ་ཚད་ JPEG, BMP, PNG, TIFF, Postscript, EPS བཟུམ་གྱི་ཚད་རིས་རྩ་སྒྲིག་ཚུ་ནང་འདྲེན་འབད་བཏུབ་པའི་ཁར་ PNG དང་ མཉམ་ཐིག་ལུ་གཞི་བཞག་སྟེ་ཡོད་པའི་ རྩ་སྒྲིག་ཚུ་ཕྱིར་འདྲེན་འབད་བཏུབ་ཨིན། དོ་རུང་འདི་གི་ཡང་མ་དོ་བ་ སྤྱིར་བཏང་གསར་བསྒྲུན་གྱི་ མེ་ཊ་གནད་སྡུད་དང་ དྲན་འཛིན་ཞུན་དག་འབད་ནི་ བང་རིམ་ མགུ་རྙོགས་དྲགས་ཡོད་པའི་ འགྲུལ་ལམ་བཀོལ་སྤྱོད་འབད་ནི་ འགྲུལ་ལམ་གུ་ཡོད་པའི་ཚིག་ཡིག་ དབྱིབས་གཟུགས་སྦེ་ཡོད་པའི་ཚིག་ཡིག་ དེ་ལས་ XML SVG ཞུན་དག་འབད་ནི་ཚུ་རྒྱབ་ལུ་སྐྱོར་འབདཝ་ཨིན།

ཡིག་ཆ་ཚུ་གསར་བསྐྲུན་དང་ འཛིན་སྐྱོང་འབད་ཐངས།
ཡིག་ཆ་གསརཔ་བཟོ་ནིའི་དོན་ལུ་ ཡིག་སྣོད་> གསརཔ་( Ctrl + N )ལུ་འགྱོ།

image

ད་ལྟོ་ཡོད་པའི་ SVG ཡིག་ཆ་འདི་ཁ་ཕྱེ་ནིའི་དོན་ལུ་ ཡིག་སྣོད་ > ཁ་ཕྱེ་( Ctrl + O )ལུ་འགྱོ།

སྲུང་ནིའི་དོན་ལུ་ ཡིག་སྣོད་ > སྲུང་( Ctrl + S )ཟེར་མི་འདི་ཨེབ་གཏང་འབད་དགོ འདི་བཟུམ་སྦེ་ མིང་གསརཔ་ཅིག་གི་འོག་ལུ་སྲུང་ནིའི་དོན་ལུ་ སྲུང་ ཡང་ན་ བཟུམ་སྦེ་སྲུང་( Shift+Ctrl+S ) ཟེར་མི་འདི་ཨེབ་གཏང་འབད།

SVG (ཚད་འཇལ་བཏུབ་པའི་མཉམ་ཐིག་ཚད་རིས) ཟེར་མི་འདི་ ཨིཀིསི་ཀེབ་ཀྱིས་ལག་ལེན་འཐབ་སྲོལ་ཡོད་པའི་ ཡིག་སྣོད་རྩ་སྒྲིག་ཅིག་ཨིན།

སྒོ་སྒྲིག་འཛིན་སྐྱོང་པ་ལག་ལེན་འཐབ་པའི་ཐོག་ལས་ ཡིག་ཆའི་སྒོ་སྒྲིག་ཅིག་སོ་སོ་སྦེ་ཁ་ཕྱེ་ནིའི་དོན་ལུ་ ( ALT + TAB ) ལུ་འགྱོ་ ཡང་ན་ ཁ་ཕྱེ་ཡོད་པའི་ཡིག་ཆའི་སྒོ་སྒྲིག་ག་ར་བརྒྱུད་དེ་འགྱོ་ནིའི་དོན་ལུ་ ( CTRL + TAB )ལུ་འགྱོ།
Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 1.0404 seconds