གནསཚད་གཞི་སྒྲིག་འབད་ཐངས།:

ཁྱོད་ཀྱི་གནས་ཚད་འདི་གཞི་སྒྲིག་འབད་བ་ཅིན་ ཁྱོད་རའི་ཆ་རོགས་འདི་གིས་ ཁྱོད་ལུ་དུས་ཚོད་ཀྱི་དལ་ཁོས་ཡོད་དང་མེད་ ཡང་ཅིན་ ཁྱོད་ཉི་མའི་ལྟོ་ཟ་བར་ཡར་སོོངཔ་འདྲཝ་ འདི་བཟུམ་སྦེ་ ཡང་ཅིན་ཁྱོད་བརྒྱུན་འཕྲིན་གྱི་ཐོག་ལས་གཞན་དང་གཅིག་ཁར་ ཁ་སླབ་པའི་བསྒང་ཨིན་ན་མེན་ན་ཚུ་ཤེས་ཚུགསཔ་ཨིན།
༡༽ འདི་གཞི་སྒྲིག་འབད་ནིའི་དོན་ལུ་ ཆ་རོགས་ཀྱི་ཐོ་ཡིག་གི་འོག་ལུ་ཡོད་མི་ གདམ་ཁ་ཚུ་ནང་ལས་འོས་ལྡན་སེལ་འཐུ་འབད་དགོ།

image

༢༽ ཁྱོད་ཀྱི་གནས་ཚད་འདི་ ལོག་སྟཻ་རང་གློག་ཐོག་ལུ་འགྱུར་བཅོས་འབད་ནི་ཨིན་པ་ཅིན་ ཧེ་མ་གདམ་ཁ་བརྐྱབས་ཡོད་མི་འདི་གུ་ཨེབ་གཏང་འབད་ཞིནམ་ལས་ དེ་ལས་འཐོབ་ཚུགས་ཟེར་མི་འདི་གུ་ ཨེབ་གཏང་འབད་དགོ།

ཁྱོད་རའི་སྐྱོན་མིང་དང་ མཛའ་མིང་གཞི་སྒྲིག་འབད་ཐངས།
༣༽ ལག་ཆས་>རྩིས་ཐོ་ > renzy66@hotmail.com (MSN)> མཛའ་མིང་གཞི་སྒྲིག་འབད་ ཟེར་མི་འདི་གུ་ཨེབ་གཏང་འབད།

image

༤༽ ཁྱོད་རའི་ མཛའ་མིང་ འདི་ཡིག་དཔར་བརྐྱབ་པ་ཅིན་ ཁྱོད་རའི་ ཨེམ་ཨེསི་ཨེན་ཁ་སླབ་མི་ ཆ་རོགས་ཚུ་གིས་ མཛའ་མིང་ག་ཨིན་མི་འདི་འབོ་འོང་།

image