གེམ་ཨིན་ཊར་ནེཊི་འཕྲིན་སྐྱེལ་པའི་ཐོག་ལས་ཁ་སླབ་ཐངས།
གེམ་ཨིན་ཊར་ནེཊི་འཕྲིན་སྐྱེལ་པ་ཟེར་མི་འདི་ ལི་ནགསི་དང་ མེཀ་ཨོ་ཨེསི་ ཨེགསི་ དེ་ལས་ ཝིན་ཌོའོསི་ཚུ་གི་དོན་ལུ་ ཡིག་འཕྲིན་ཚུ་འཕྲལ་མགྱོགས་སྦེ་བསྐྱེལ་ནི་གི་ ཞབས་ཏོག་སྤྱོད་མི་ སྣ་མང་འཕྲིན་སྐྱེལ་པ་ཅིག་ཨིན།
འདི་ཡང་ ཨེ་ཨའི་ཨེམ་ ་(AIM) ཨའི་སི་ཀིཡུ་ (ICQ)(Oscar Protocol), ཨེམ་ཨེསི་ཨེན་འཕྲིན་སྐྱེལ་པ་ (MSN Messenger) ཡ་ཧུ་ (Yahoo) ཨའི་ཨཱར་སི་ (IRC)(Internet Relay Chat), ཇེ་བར་(Jabber) ག་དུ་-ག་དུ་(Gadu-Gadu) ནོ་ཝིལ་ གུརུབ་ཝཡིསི་ འཕྲིན་སྐྱེལ་པ་ (Novell Groupwise Messenger) ཨེསི་ཨའི་ཨེལ་སི་ (SILC) ལོ་ཊོསི་སེམ་ཊཡིམ་ དང་དེ་ལས་ ཟེ་ཕིརིསི་ (Lotus Sametime) ཡོངས་འབྲེལ་(Zephyrs Networks)ཚུ་དང་གཅིག་ཁར་མཐུན་འགྱུར་ཅན་གྱི་ཐོག་ལས་ལཱ་འབད་བཏུབ་ཨིན།
གེམ་ལག་ལེན་འཐབ་མི་ཚུ་གིས་ སྣ་མང་ཨའི་ཨེམ་ ཡོངས་འབྲེལ་ནང་ལུ་དུས་མཉམ་དུ་ སྣ་མང་རྩིས་ཐོའི་ནང་ལུ་ནང་བསྐྱོད་འབད་ཚུགས། དཔེ་འབད་བ་ཅིན་ ཡ་ཧུ་འཕྲིན་སྐྱེལ་པ་ (Yahoo Messenger)ཨེ་ཨོ་ཨེལ་འཕྲིན་སྐྱེལ་པ་(AOL་messenger)ཚུ་གི་ཐོག་ལས་ཁ་སླབ་ནི་དང་ འདི་བཟུམ་སྦེ་ ཨའི་ཨཱར་སི་རྒྱུ་ལམ་ནང་སྡོད་ནི་(IRC channel)ཚུ་ཆ་མཉམ་དུས་མཉམ་དུ་ འབད་བཏུབ་ཨིན།
རྫོང་ཁ་ལི་ནགསི་ནང་ལུ་ གེམ་འགོ་བཙུགས་ཐངས།
གློག་རིམ་>ཨིན་ཊར་ནེཊི་>གེམ་ཨིན་ཊར་ནེཊི་འཕྲིན་སྐྱེལ་པ་ལུ་འགྱོ།
རང་གི་རྩིས་ཐོ་རིམ་སྒྲིག་འབད་ཐངས།
སྒོ་སྒྲིག་ནང་ལུ་འཆར་མི་ གེམ་ལོག་ནང་ རྩིས་ཐོ་ཟེར་མི་གུ་ཨེབ་གཏང་འབདཝ་ད་ རྩིས་ཐོའི་སྒོ་སྒྲིག་འདི་འཆར་འོང་།
༡༽ ལག་ལེན་པ་གསརཔ་ཅིག་ཁ་སྐོང་བརྐྱབ་ནིའི་དོན་ལུ་ ཁ་སྐོང་ཨེབ་རྟ་ འདི་ལུ་ ཨེབ་གཏང་འབད།
༢༽ ཐོ་ཡིག་ནང་ལུ་ཚུད་ཡོད་མི་ འོས་འབབ་དང་ལྡན་པའི་ གནད་སྤེལ་ལམ་ལུགས་ཅིག་གདམ་ཁ་བརྐྱབ་ཞིནམ་ལས་ ཁྱོད་པའི་གསལ་གཞིའི་མིང་ཡིག་དཔར་རྐྱབས། (གསལ་གཞིའི་མིང་འདི་ ཁྱོད་པའི་ e-mail ID ཨིན།)
༣༽ ཆོག་ཡིག་འདི་ གདམ་ཁ་ཅན་ཨིནམ་ལས་ ཤུལ་ལས་བཙུགས་རུང་བཏུབ། ཁྱོད་རའི་ཆིག་ཡིག་འདི་ཨ་རྟག་རང་སེམས་ཁར་བཞག་ཚུགས་ནིའི་དོན་ལུ་ ཆོག་ཡིག་འདི་ཡིག་དཔར་བརྐྱབ་ཞིནམ་ལས་ ཆིག་ཡིག་སེམས་ཁར་བཞག་ ཟེར་མི་གི་སྒྲོམ་ནང་ལུ་ ཨིན་རྟགས་བཀལ།
༤༽ ཁྱོད་ཀྱིས་རང་བཞིན་གྱིས་སྦེ་ཡང་ནང་བསྐྱོད་འབད་ཚུགསཔ་མ་ཚད་ རང་བཞིན་ནང་སྐྱོད་ དང་ ཡིག་འཕྲིན་གསརཔ་གི་བརྡ་བསྐུལ་ ཟེར་མི་གི་སྒྲོམ་ནང་ལུ་ཨིན་རྟགས་བཀལ་བ་ཅིན་ ཁྱོད་ལུ་ཡིག་འཕྲིན་གསརཔ་རེ་ལྷོད་པའི་ཚེ་ན་ བརྡ་བསྐུལ་འབད་འོང་།
༥༽ ཁྱོད་རའི་རྩིས་ཐོའི་རིམ་སྒྲིགས་འབད་ནིའི་དོན་ལུ་དང་ རྩིས་ཐོའི་ སྒོ་སྒྲིག་ནང་ལུ་འཆར་ནིའི་དོན་ལུ་ སྲུངས་ དང་ ཁ་བསྡམས་ ཟེར་མི་ལུ་ཨེབ་གཏང་འབད།
༦༽ ཁྱོད་རའི་རྩིས་ཐོ་ནང་ལུ་འཛུལ་ནིའི་དོན་ལུ་ ནང་ན་འཛུལ་ ཟེར་མི་གུ་ཨེབ་གཏང་འབད། ཁྱོད་ཀྱིས་ཚར་ཅིག་མཐར་འཁྱོལ་ཅན་སྦེ་ནང་ན་འཛུལ་ཚར་ཞིནམ་ལས་ ཆ་རོགས་ཀྱི་ཐོ་ཡིག་ཡོད་པའི་སྒཽ་སྒྲིག་གསརཔ་ཅིག་ནང་ལུ་ གློག་ཐོག་ཡོད་པའི་ཆ་རོགས་ཚུ་དང་བཅས་འཆར་འོང་།
There are 2 comments on this page. [Display comments]