གློག་འཕྲིན་ ཀེར་ཐིག་ མགོ་ཡིག་ཚུ་ སྲོལ་སྒྲིག་འབད་ཐངས:
སྔོན་སྒྲིག་གིས་ ནང་འབྱོར་ གློག་འཕྲིན་ཚུ་ ཚེས་གྲངས་ཀྱིས་ དབྱེ་སེལ་འབད་དེ་འོང་། མགོ་ཡིག་ ཨེབ་རྟ་ ཨེབ་ཐོག་ལས་ ང་བཅས་ཀྱིས་ གློག་འཕྲིན་གྱི་གོ་རིམ་ ཡར་འཛེགས་ ཡང་ན་ མར་འབབ་ སྲོལ་སྒྲིག་འབད་ཚུགས།
ཀེར་ཐིག་ མགོ་ཡིག་ཚུ་ གཡས་ཀྱི་ ཨེབ་རྟ་ མགོ་ཡིག་ཨེབ་ཞིནམ་ལས་ མགོ་ཡིག་གི་མིང་ཞིབ་དཔྱད་འབད་ཐོག་དང་ ཞིབ་དཔྱད་མ་འབད་བའི་ཐོག་ལས་ ཁ་སྐོང་རྐྱབ་ནི་དང་རྩ་བསྐྲད་ གཏང་ནི་ཚུ་འབད་ཚུགས།
གློག་འཕྲིན་སྡེ་ཚན་བཟོ་ནི་ ཐེརེཌི་ འབད།
ཁྱོད་རའི་ གློག་འཕྲིན་ ཐེརེཌི་འབད་ཟེར་མི་དེ་ འབྲེལ་ཡོད་གློག་འཕྲིན་ཚུ་ཆ་མཉམ་ ཐེ་རིཌི་གཅིག་ནང་བཙུགས་མི་དང་ཆ་འདྲ། དེ་སྦཻ་འབད་མི་དེ་གིས་ གློག་འཕྲིན་ཧྲིལ་བུམ་སྦེ་བརྗེ་སོར་འབད་ནི་ཚུ་ བྱ་སྟབས་བདེ་ཏོག་ཏོ་ཡོད་པའི་སྡེ་ཚན་གཅིག་ནང་ལས་ འཐོབ་ཚུགས། ལྷག་པར་དུ་ཡང་ གློག་འཕྲིན་ལྷག་མི་ཚུ་ལུ་ གྲོས་བསྟུན་འདི་བརྒྱུན་དེ་ རྒྱབ་ཁར་དང་ གདོང་ཁར་བསྐྱོད་ནིའི་དོན་ལུ་ འཇམ་ཏོང་ཏོ་འོང་། འདི་མ་ཚད་ འབྲེལ་ཡོད་གློག་འཕྲིན་ཚུ་ཆ་མཉམ་གཅིག་ཁར་འོངམ་ཨིན། ཐེ་རིཌི་གློག་འཕྲིན་འདི་ རྒྱ་འཕར་(+) འབད་བཏུབ་མ་ཚད་ ཧྲམ་༴(-)བཏུབ་མི་ཅིག་ཨིན། གློག་འཕྲིན་ཚུ་ གྲོས་གླེང་ ཐེརེཌི་སྦེ་ ལྟ་ནིའི་དོན་ལུ་ ཐེརེདི་འབད་ཡོདཔ་ Threaded ཟེར་མི་ནང་ལུ་འགྱོ། (ཐེརེཌི་འདི་བཀག་བཞག་འབད་ནིའི་དོན་ལུ་ ཐེརེཌི་འབད་དེ་མེདཔ་ Unthreaded ཟེར་མི་འདི་གདམ་ཁ་རྐྱབས།)
There are 20 comments on this page. [Display comments]