PAN L10n Wiki : GraphicsInternetPage40

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
Oldest known version of this page was edited on 2007-10-17 23:12:46 by UdenSherpa []
Page view:
ཐཱན་ཌར་བཌི་གི་ སྡེབ་དཔྱོདཔ། (Ctrl+K):
ཐཱན་དར་བཌི་གི་གྲངས་སུ་ སྔོན་སྒྲིག་གིས་འབད་ནུས་ཅན་བཟོ་ཡོད་མི་ སྡེབ་དཔྱོདཔ་ཡང་ཚུདཔ་ཨིན། འདི་གིས་ གློག་འཕྲིན་འདི་འབྲི་བའི་སྐབས་ལུ་ སྡེབ་དཔྱད་འབད་ནི་ལུ་ཕན་ཐོགས་ཡོདཔ་མ་ཚད་ ཁྱོད་ཀྱིས་མིང་ཚིག་ལེགས་ཤཽམ་སྦེ་ཧ་མ་གོ་མི་ཚུ་ སྡེབ་དཔྱད་ཚིག་མཛོད་ནང་ལུ་བཙགས་ཏེ་ ནོར་བཅོས་འབད་ཚུགས།

image

ཁྱོད་རའི་གློག་འཕྲིན་ནང་ལུ་ངོས་འཛིན་མེད་པའི་ཡིག་གུ་རེ་འབྱུང་པ་ཅིན་ སྡེབ་དཔྱོདཔ་འདི་འབྱུངམ་ཨིན། ཁྱོད་ཀྱིས་ ད་ལྟོ་གོང་ལུ་བཀོད་བསླབ་བཀོད་དང་འཁྲིལ་ཏེ་མཛད་རུང་བཏུབ་ འདི་མེན་པ་ འདི་སྣང་མེན་སྦེ་བཞག་སྟེ་ འཕྲང་འཕྲང་ གཏང་ ཟེར་མི་འདི་ལུ་ཨེབ་གཏང་འབད་རུང་བཏུབ།

གློག་འཕྲིན་ འཐོབ་ནི་:
ཡིག་འཕྲིན་གསརཔ་འཐོབ་པའི་སྐབས་ ཁྱོད་རའི་གསལ་གཞིའི་ མཇུག་གཡས་ལུ་ (ཡིག་ཤུབས་ ངོས་པར་) བརྡ་སྟོན་པ་ཅིག་ དུས་ཡུན་ ཐུང་ཀུ་ཅིག་གི་རིང་ལུ་འཐོན་སྡོད་འོང་། ཡིག་འཕྲིན་ གསརཔ་ཚུ་ ཧེ་མ་ལས་ར་ལྷག་ཡོད་པའི་ཡིག་འཕྲིན་ཚུ་ལས་ དབྱེ་བ་ཕྱེ་ནིའི་དོན་ལུ་ རྒྱགས་པ་སྦེ་སྟོན་ཡོདཔ་ཨིན། སེལ་འཐུ་འབད་ཡོད་པའི་ གློག་འཕྲིན་ཚུ་གི་ “ལྷག” གནས་ཚད་ སོར་སྟོན་འབད་ནིའི་དོན་ལས་ M ཨེབ་གཏང་འབད།

image
Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 2.4979 seconds