PAN L10n Wiki : GraphicsInternetPage39

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ཁྱོད་རའི་གློག་འཕྲིན་དང་གཅིག་ཁར་མཉམ་སྦྲགས་འབད་གཏང་ཐངས།

ཐཱན་ཌར་བཌི་ནང་ཁྱད་ཆོས་ལེགས་ཤོམ་ཅིག་ག་ཅི་ཡོད་དགོ་ཟེར་བ་ཅིན་ འདི་གིས་ འབྲལ་ལམ་ཨེབ་གཏང་སྲུང་བཞག་འབད་མི་ ཁྱོད་རའི་གློག་འཕྲིན་དང་གཅིག་ཁར་ ཝེབ་ཤོག་ལེབ་ འདི་དང་འདྲཝ་སྦེ་ གཞན་མི་ཤོག་ལེབ་ཚུ་ཡང་མཉམ་སྦྲགས་སྦེ་གཏང་ཚུགས་པའི་ཁྱད་ཆོས་ཡོདཔ་ཨིན། ཝེབ་ཤོག་ལེབ་འདི་གཏང་ནིའི་དོན་ལུ་ གཤམ་གསལ་ལྟར་མཛད་གནང་དགོ།
༡༽ སར་འཇོག་མདའ་རྟགས་འདི་ མཉམ་སྦྲགས་མདའ་རྟགས་ཀྱི་གཡས་ཕྱོགས་སུ་ ཨེབ་གཏང་འབད་ཞིནམ་ལས་ ཁྱདོ་ར་ག་འདི་མཉམ་སྦྲགས་འབད་ནི་ཨིན་ན་ སེལ་འཐུ་འབད། (ཡིག་སྣོད། ཝེབ་ཤོག། ཡང་ན་ སྒེར་གྱི་ཤོག་བྱང་།) དཔེ་འབད་བ་ཅིན་ ཝེབ་ཤོག་ལེབ་འདི་སེལ་འཐུ་འབད།

image

༢༽ ཁྱོད་རའི་ ཡུ་ཨཱར་ཨེལ་འདི་ “གནས་ཁོངས་གསལ་བཀོད་འབད་” ཟེར་མི་ཌའི་ལོག་སྒྲོམ་འདི་ནང་ལུ་ གསལ་བཀོད་འབད།(དཔེ་འབད་བ་ཅིན་ http://www.dit.gov.bt).

image

༣༽ གཏང་ནི་གི་དོན་ལུ་ གཏང་ ཟེར་མི་དེ་ལུ་ཨེབ་གཏང་འབད་ ཡང་ན་ (Ctrl+Enter) དེ་ལུ་ཨེབ་གཏང་འབད་བ་ཅིན་ ཁྱོད་རའི་གློག་འཕྲིན་འདི་ འཕྲལ་མགྱོགས་གཏང་ནི་ཨིན་མི་ གྱལ་རིམ་ནང་འཛུལ་སྡོད་འོང་། དེའི་སྐབས་ལུ་ ཨིན་ཊར་ནེཊི་གི་འབྲེལ་ལམ་འདི་མེད་པ་ཅིན་ སར་བར་ནང་ལས་ ཨིན་ཊར་ནེཊི་གི་འབྲེལ་མཐུད་མ་འཐོབ་ཚུན་ཚོད་ གློག་འཕྲིན་འདི་གནས་སྐབས་ཅིག་གི་དོན་ལུ་ ཨའུཊི་བོགསི་ Outbox གསོག་འཇོག་འབད་དེ་སྡོད་འོང་། སར་བར་ནང་ལས་ ཨིན་ཊར་ནེཊི་འབྲེལ་ལམ་འདི་འཐོབ་ཚརཝ་ཅིག་ སྐར་མ་དག་པ་ཅིག་གི་རྒྱབ་ལས་ “གློག་འཕྲིན་གཏང་དོ”ཟེར་མི་སྒོ་སྒྲིག་དེ་འཆར་འོང་། ཡིག་འཕྲིན་འགྲེམ་སྤེལ་གྱི་མགྱོགས་ཚད་འདི་ ཨིན་ཊར་ནེཊི་ འབྲེལ་ལམ་འདི་ལྷོད་དྲག་པ་ཅིན་ འགྲེམ་སྤེལ་འདི་ཡང་ ལྷད་སུ་སྦེ་འོངམ་ཨིན་ འདི་དང་འདྲཝ་སྦེ་ ཨིན་ཊར་ནེཊི་འདི་ ཁོམས་མེད་ཨིན་མི་དང་ དེ་ལས་ ཁྱོད་ཀྱིས་མཉམ་སྦྲགས་འབད་མི་དེ་རིང་དྲག་པ་ཅིན་ཡང་ སྒྲེམ་སྤེལ་འདི་ལྷོད་སུ་སྦེ་འོངམ་ཨིན།

image

སྔོན་སྒྲིག་གིས་སྦེ་ གཏང་ཚར་མི་གློག་འཕྲིན་ཚུ་གི་འདྲ་པར་རེ་ གློག་འཕྲིན་གཏང་ཚར་ཡི་ ཟེར་མི་སྣོད་འཛིན་ནང་ལུ་གསོག་འཇོག་འབད་ལུས་འོང་། འདི་རང་ལུ་ཕན་ཐོགས་ཡོདཔ་པའི་ཁར་ མ་དགོ་པ་ཅིན་ བཏོན་གཏང་བཏུབ་ཨིན།

There is one comment on this page. [Display comment]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.1587 seconds