ཨའིསི་ཌོབ་ འཕྲལ་མགྱོགས་ འཚོལ་ཞིབ་:
དེ་གིས་ཁྱོད་ལུ་ ད་ལྟོའི་སྣོད་འཛིན་ནང་ གློག་འཕྲིན་ཚུ་ བཙག་བཅུག་དེ་ མཐོང་སྣང་དང་ ཅོག་གཅིགཔ་སྦེ་ལཱ་འབདཝ་ཨིན།
༡. ཨིན་པུཊི་ ས་སྒོ་ནང་ལུ་ ཚིག་ཡིག་བཙུགས་ཞིནམ་ལས་ བཙུགས་ ཨེབ།
༢. ཨའིསི་ཌོབ་གིས་ ད་ལྟོའི་གནས་སྟངས་དང་ མཐུན་སྒྲིག་འབད་མི་གློག་འཕྲིན་ཚུ་རྐྱངམ་ཅིག་ བཀྲམ་སྟོན་འབད་འོང། དཔེར་ན་ L10n,ཡིག་དཔར་རྐྱབས་པ་ཅིན་ དེ་གིས་ དོན་ཚན་གྲལ་ཐིག་ནང་ལུ་ མིང་ཚིག་”L10n” ཡོད་མི་ གློག་འཕྲིན་ཚུ་རྐྱངམ་ཅིག་བཀྲམ་སྟོན་འབད་འོང།
༣. དེ་མ་ཚད་ ང་བཅས་ཀྱིས་ ཆེ་སྐྱེད་ཤེལ་ ངོས་དཔར་ལུ་ ཨེབ་གཏང་འབད་ཐོག་ལས་ ཞིབ་འཚོལ་ས་སྒོ་ སོར་ཚུགས། དེ་གིས་ དོན་ཚན་ ཡང་ན གཏང་མི་ འདྲ་བཤུས་ དེ་ལས་ ཕྲིན་དོན་ ཧྲིལ་བུ་ ཡང་ན་ འཕྲིན་དོན་ནང་འཚོལ་བའི་ ཞིབ་འཚོལ་ ས་སྒོ་ཚུ་ ཐོ་བཀོད་འབདཝ་ཨིན། དཔེར་ན་ ཁྱོད་ཀྱིས་ “ཕྲིན་དོན་ནང་འཚོལ་” སེལ་འཐུ་འབད་བ་ཅིན་ དེ་གིས་ ཚིག་ཡིག་འདི་ ད་ལྟོ་སེལ་འཐུ་འབད་ཡོད་པའི་ གློག་འཕྲིན་གྱི་མ་གཟུགས་(ནང་དོན་)ནང་ མཐོང་ཚུགས།
༤. འཕྲལ་མགྱོགས་ འཚོལ་ཞིབ་ འདྲི་དཔྱད་ བསལ་ནིའི་དོན་ལུ་ གཡས་ཀྱི་ “X” ཨེབ་རྟ་ ཨེབ་གཏང་འབད་ ཡང་ན་ལས་ཐོག་ལས་ ཨིན་པུཊི་ ས་སྒོ་ནང་ལས་ ཚིག་ཡིག་ བཏོན་གཏང་། ཁྱོད་ཀྱི་ ནང་སྒྲོམ་གྱི་ད་ལྟོའི་ མཐོང་སྣང་དང་ མཐུན་སྒྲིག་འབད་བའི་ གློག་འཕྲིན་ཚུ་ག་ར་ སྟོན་ནི་ལུ་ རྒྱབ་ལོག་འབད་འོང་། དཔེར་ན་ “ག་ར” (སྔོན་སྒྲིག་གིས་)།
There are 2 comments on this page. [Display comments]