ཨའིསི་ཌོབ་ འཚོལ་ཞིབ་ ཕྲ་རིང་:
ཨའིསི་ཌོབ་ འཚོལ་ཞིབ་ ཕྲ་རིང་དེ་ ཡིག་འཕྲིན་ ལག་ཆས་ཕྲ་རིང་གི་འོག་ལུ་ཡོདཔ་ཨིནམ་དང་ དེ་གིས་ ད་ལྟོའི་ སྣོད་འཛིན་གི་མཐོང་སྣང་སོར་བསྒྱུར་འབད་ནི་དང་ གློག་འཕྲིན་ཚུ་ འཚོལ་ནི་ དེ་ལས་ ད་ལྟོའི་ སྣོད་འཛིན་ནང་སྟོན་མི་ ནང་དོན་ཚུ་ བཙགསྟེ་གཏངམ་ཨིན།
སྟོན:
མཐོང་སྣང་ གདམ་ཐོའི་དཀར་ཆག་ ཐོ་ཡིག་ཚགས་མ་ཚུ་: གདམ་ཁ་ ག་ར་ མེན་པ་གཞན་སྟོན་པ་ཅིན་ དེ་གིས་ད་ལྟོའི་སྣོད་འཛིན་གྱི་ ནང་དོན་ཚུ་ བཙག་གཏངམ་ཨིན། འཚོལ་ཞིབ་ ཕྲ་རིང་ལུ་་ཆེ་དམིགས་འབད་ནིའི་དོན་ལས་ Alt+i མནན།
ཆ་མཉམ་- དེ་གིས་ ད་ལྟོའི་སྣོད་འཛིན་གྱི་ ནང་དོན་ མ་བཙགས་མི་ཚུ་སྟོནམ་ཨིན།
མ་ལྷགཔ- དེ་གིས་ ཧེ་མ་ལས་ ལྷག་ཚར་མི་ གླེག་འཕྲིན་ཚུ་ སྦ་བཞག་ཞིནམ་ལས་ མ་ལྷག་མི་ གློག་འཕྲིན་ཚུ་ བཀྲམ་སྟོན་འབདཝ་ཨིན།
གནས་རིམ་གྱི་མིང- དེ་གིས་ དམིགས་བསལ་ གནས་རིམ་ཅིག་སྦེ་ རྟགས་མ་བཀལ་མི་ གློག་འཕྲིན་ཚུ་ སྦ་བཞགཔ་ཨིན།
རིགས་བརྒྱུད་ ཚགས་མ་ཚུ- དེ་གིས་ བྱིན་ཏེ་ཡོད་པའི་ གནས་སྟངས་དང་ མཐུན་སྒྲིག་འབད་མི་ གློག་འཕྲིན་ཚུ་རྐྱངམ་ཅིག་ བཀྲམ་སྟོན་འབདཝ་ཨིན། ཚག་མ་ ཁ་སྐོང་རྐྱབ་ནི་དང་ ཞུན་དག་འབད་ནི་ ཡང་ན་ སྲོལ་སྒྲིག་འབད་ནིའི་དོན་ལས་ གདམ་ཐོ་ནང་ལས་ སྲོལ་སྒྲིག་འབད་ གདམ་ཁ་རྐྱབས།
མཐོང་སྣང་དེ་ སྣོད་འཛིན་སྦེ་ སྲུངས- དེ་གིས་ “ བར་ཅུ་ཡལ་ སྣོད་འཛིན” གསར་བསྐྲུན་འབད་བཅུགཔ་ཨིནམ་དང་ ད་ལྟོའི་ གནས་སྟངས་དང་ མཐུན་སྒྲིག་འབད་མི་ གློག་འཕྲིན་ཚུ་རྐྱངམ་ཅིག་སྟོནམ་ཨིན། སྣ་མང་ གནས་སྟངས་ གསར་བསྐྲུན་འབད་ནིའི་དོན་ལུ་ མཐོང་སྣང་ གདམ་ཐོ་ སེལ་ཐུ་ བསྐྱར་ཟློས་འབད་ཞིནམ་ལས་ སྲུངས།
ཞུན་དག་>དགའ་གདམ་ཚུ་ སེལ་འཐུ་འབདཝ་ད་ལུ་ ཨའིསི་ཌོབ་ དགའ་གདམ་ ཌའི་ལོག་ སྒྲོམ་ཅིག་སྟོན་འོང་། དེ་ལས་ མཐོ་རིམ་ ངོས་དཔར་གུ་ ཨེབ་གཏང་འབད་ཞིནམ་ལས་ སྤྱིར་བཏང་ མཆོང་ལྡེ་ སེལ་འཐུ་འབད་ཐོག་ལས་ ཁྱོད་ཀྱིས་ གློག་འཕྲིན་དེ་ དུས་ཡུན་ག་དེམ་ཅིག་གི་རིང་ལུ་ “མ་ལྷག་”པར་ལུས་ཡོདཔ་ཨིན་ན་ བསྒྱུརབཅོས་འབད་བཏུབ།
There are 3 comments on this page. [Display comments]