PAN L10n Wiki : GraphicsInternetPage3

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register

གཟུགས་བརྙན་བཏོག་བཅོས་འབད་ཐངས།


ཌི་བི་ཡཱན་ལི་ནགསི་ནང་ གཟུགས་བརྙན་བཏོག་བཅོས་ཟེར་མི་འདི་ རང་གི་སེམས་ཁར་མ་འབབ་དང་མ་དགོ་པའི་པར་གྱི་རིགས་ཚུ་ བཏོན་གཏང་སྟེ་ གཟུགས་བརྙན་ཞུན་དག་ལག་ཆས་ལག་ལེན་འཐབ་པའི་སྒོ་ལས་ གཞི་ཁྲམ་བཟོ་ནི་དང་དོན་ཚན་གྱི་གནད་དོན་ཚུ་ མངོན་གསལ་ཅན་བཟོ་བཏུབ་ཨིན།

image
image

གཟུགས་བརྙན་ཐབས་ལམ་ བསྒྱུར་བཅོས་འབད་ཐངས།
གཟུགས་བརྙན་ཐབས་ལམ་བསྒྱུར་བཅོས་འབད་ནི་ལུ་ གཟུགས་བརྙན་ > ཐབས་ལམ་ > ཨར་ཇི་བི་(སྔོན་སྒྲིག་ཐབས་ལམ་) /གེརེ་སིཀེལ་/ཟུར་སྦྲགས་ཅན་/ཆ་ཤས་སོ་སོ་ལུ་ འགྱོ།
ཨར་ཇི་བི་: གཟུགས་བརྙན་ > ཐབས་ལམ་ > ཨར་ཇི་བི་(སྔོན་སྒྲིག་)ལུ་ འགྱོ། ཨར་ཇི་བི་འདི་ སྔོན་སྒྲིག་ཐབས་ལམ་ཅིག་ཨིནམ་དང་ པར་གྱི་སྤུས་ཚད་དང་ཚོས་གཞི་ཡང་ལེགས་ཤོམ་ཡོདཔ་ཨིན། གཟུགས་བརྙན་ཐབས་ལམ་འདི་ལུ་ ཚོས་གཞི་རྣམ་པ་གསུམ་ ཨར་-དམརཔོ་དང་ ཇི་-ལྗང་ཁུ་ དེ་ལས་ བི་- གནགཔོ་སྦེ་མཉམ་བསྡོམས་འབད་དེ་ཡོདཔ་ཨིན། དེ་ལུ་ དྲག་ཤུགས་བེ་ལུ་ཡང་ ༠-༢༥༥ ཚུན་ཡོདཔ་མ་ཚད་ ཚོས་གཞི་གསུམ་པོ་མཉམ་བསྡོམས་འབདཝ་ལས་ ཚོས་གཞི་གྱངས་ཁ་མ་ཆོདཔ་སྦེ་བཟོ་བཏུབ་ཨིན།

image

ཟུར་སྦྲགས་ཅན་: གཟུགས་བརྙན་ > ཐབས་ལམ་ > ཟུར་སྦྲགས་ཅན་ལུ་འགྱོ།
ཟུར་སྦྲགས་ཅན་གྱི་ཐབས་ལམ་བརྡ་བཀོད་འདི་གིས་ གཟུགས་བརྙན་ཚུ་ཟུར་སྦྲགས་ཅན་ལུ་གཞི་བསྒྱུར་འབད་འོང་། ཐབས་ལམ་དེ་གི་ཐོག་ལུ་ གཟུགས་བརྙན་ཚུ་ ཚོས་གཞི་དང་བཅས་ཨེན་ཀོཌི་འབད་ནི་ཨིནམ་དང་ གཟུགས་བརྙན་ནང་པིག་སེལ་རེ་རེ་ལུ་ ཚོས་གཞི་ཨང་ བིཊི་-༨ སྦེ་འགན་སྤྲོད་འབད་དེ་ཡོདཔ་ཨིན། ཚོས་གཞི་དེ་ཚུ་ པེ་ལེཊི་ཚོས་གཞི་ལུ་བཟོ་ཐབས་ལུ་ ཐིག་ཁྲམ་ནང་བཙུགསཔ་ཨིནམ་དང་ པེ་ལེཊི་ནང་ཚོས་གཞི་བསྒྱུར་བཅོས་འབད་བའི་སྒོ་ལས་ པིག་སེལ་ཧྲིལ་བུའི་ཚོས་གཞི་འགྱུར་ཚུགས།

image

གེརེ་སིཀེལ་: གཟུགས་བརྙན་འདི་ གེརེ་སིཀེལ་ལུ་བསྒྱིར་ནི་ལུ་ གཟུགས་བརྙན་ > ཐབས་ལམ་ > གེརེ་སིཀེལ་ལུ་འགྱོ།
གེརེ་སིཀེལ་འདི་ ༠(གནགཔོ་) ལས་ ༢༥༥(དཀརཔོ་) གི་བར་ སྐྱ་ཐལ་གནས་རིམ་ ༢༥༦ དང་ལྡན་ཐོག་ལས་ གཟུགས་བརྙན་ཚོས་གཞི་ཚུ་ སྔོན་སྒྲིག་ ཨར་ཇི་བི་ལས་ དཀརཔོ་དང་གནགཔོ་ དེ་ལས་སྐྱ་ཐལ་(གེརེ་སིཀེལ་) རྐྱངམ་ཅིག་ལུ་ ཨེན་ཀོཌི་འབད་ནི་ལུ་ ལག་ལེན་འཐབ་ཨིན། གེརེ་སིཀེལ་ནང་ གཟུགས་བརྙན་གསརཔ་ཅིག་གསར་བསྐྲུན་འབད་ནི་ལུ་ གེརེ་སིཀེལ་ཐབས་ལམ་གཞི་སྒྲིག་འབད་དེ་ གཟུགས་བརྙན་གསར་བསྐྲུན་འབད་ ཡང་ན་ 'གེརེ་སིཀེལ་' ཡང་ན་ 'ཆ་ཤས་བཟོ་' སེལ་འཐུ་འབད་ཐོག་ལས་ ཡོད་བཞིན་པའི་གཟུགས་བརྙན་འདི་ གེརེ་སིཀེལ་ལུ་ བསྒྱུར་བཅོས་ཡང་འབད་བཏུབ་ཨིན།
གེརེ་སིཀེལ་ཡིག་སྣོད་(བིཊི་-༥) འབད་མི་འདི་ ཨར་ཇི་བི་ལས་ཆུངམ་ཨིན།

image

ཆ་ཤས་སོ་སོ་བཟོ་: གཟུགས་བརྙན་གྱི་ཚོས་གཞི་འདི་ ཆ་ཤས་སོ་སོ་སྦེ་བཟོ་ནི་ལུ་ གཟུགས་བརྙན་ > ཐབས་ལམ་ > ཆ་ཤས་སོ་སོ་བཟོ་ལུ་འགྱོ།

image

There are 3 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.1638 seconds