ཨའིསི་ཌོབ་ ཡིག་ཕྲིན་ ཞབས་ཏོག་སྤྱོད་མི།
ཨའིསི་ཌོབ་དེ་ རང་དབང་ བགོ་བཀྲམ་གྱི་དོན་ལུ་ འོས་འབབ་ཡོད་པའི་སྟོང་མར་དང་ ཀུན་གྱིས་ཐོབ་ཚུགསཔ་དེ་ལས་ ཕན་ཚུན་མཉེན་རིམ་ ཐཱན་ཌར་བརཌི་ ཡིག་འཕྲིན་ ཞབས་ཏོག་སྤྱོད་མི་ཅིག་ཨིན། དེ་ ཨའུཊི་ལུཀ་ ཨེགསི་པེརེསི་(ཝིན་ཌོསི) དང་ ཨི་བོ་ལུ་ཤཱན་( ཨོ་པཱན་ཨོ་ཕིསི་.ཨོ་ཨར་ཇི་ནང་) དང་ཆ་འདྲཝ་མ་ཚད་ ཞབས་ཏོག་སྤྱོད་མི་ འཇམ་ཏོང་ཏོ་སྦེ་ལག་ལེན་འཐབ་ཚུགས།
ཨེམ་ཨེསི་ ཨའུཊི་ལུཀ་ ཨེགསི་པེརེསི་དང་ཕྱདཔ་ད་ ཨའིསི་ཌོབ་ ཡིག་འཕྲིན་ ཞབས་ཏོག་སྤྱོད་མི་ལུ་ ཁེ་ཕན་ཚུ:
༡.དེ་འཇམ་ཏོང་ཏོ་སྦེ་ གཞི་བཙུགས་འབད་ཚུགསཔ་མ་ཚད་ ལག་ལེན་འཐབ་ནི་ལུ་ཡང་འཇམ་ཏོང་ཏོ་ཡོདཔ་ཨིན།
༢.མོ་ཛིལ་ལ་ ཆ་ཚང་ ཡར་རྒྱས་གཏང་འདོད་ཡོད་པའི་ ལས་རིམ་པ་གང་རུང་ལུ་ གློག་རིམ་ནང་ལུ་མེད་པའི་ འབྱུང་ཁུངས་ཨང་ཚུ་ ཝེབ་ནང་ལས་འཇམ་ཏོང་ཏོ་སྦེ་ཐོབ་ཚུགསཔ་ཨིན།
༣. དེ་ཝེབ་ནང་ལས་ གླ་ཆ་སྤྲོད་མ་དགོ་པར་ ཕབ་ལེན་འབད་བཏུབ་པའི་ རང་དབང་མཉེན་ཆས་ཅིག་ཨིན།
༤. དེ་ ཝིན་ཌོསི་དང་ ཇི་ཨེན་ཡུ་/ལི་ནགསི་ བཀོལ་སྤྱོད་ རིམ་ལུགས་གཉིས་ཆ་ར་དང་གཅིག་ཁར་ ལག་ལེན་འཐབ་བཏུབ་ལས་ ཕན་ཚུན་གྱི་ མཉེན་རིམ་ཅིག་ཨིན།
ཨའིསི་ཌོབ་ ཡིག་འཕྲིན་ ཞབས་ཏོག་སྤྱོད་མིའི་གློག་རིམ་ ལག་ལེན་འཐབ་ནི་ལུ་:
༡. གློག་རིམ་> ཨིན་ཊར་ནེཊི་> ཨའིསི་ཌོབ་ ཡིག་འཕྲིན་ཞབས་ཏོག་སྤྱོད་མི་ནང་འགྱོ།( ཉེ་གནས་ སྣོད་འཛིན་ ཌའི་ལོག་སྒྲོམ་ཅིག་ཐོན་འོང་)
༢. རྩིས་ཐོ་གསརཔ་ གསར་བསྐྲུན་འབད་ ཨེབ་རྟ་ ཨེབ་གཏང་འབད། ཁྱོད་ཀྱིས་ རྩིས་ཐོ་ ཝིཛརཌི་ ཌའི་ལོག་སྒྲོམ་ཅིག་ཐོབ།
༣. གློག་འཕྲིན་ རྩིས་ཐོ་ གདམ་ཁ་རྐྱབ་ཐོག་ལས་ ཁྱོད་ར་གསར་བསྐྲུན་འབད་ནི་ཨིན་པའི་ རྩིས་ཐོ་ སེལ་འཐུ་འབད་ཞིནམ་ལས་ ཤུལ་མམ་ཨེབ་གཏང་འབད།
༤. ཁྱོད་རའི་ ཡིག་འཕྲིན་ཚུ་ གཏང་ནི་དང་ ཐོབ་ནིའི་དོན་ལུ་ ཁྱོད་རའི་མིང་དང་ གླཽག་འཕྲིན་ ཁ་བྱང་བཙུགས་ཞིནམ་ལས་ ཤུལ་མམ་ ཨེབ་གཏང་འབད།
༥. POP ནང་འབྱོར་ སར་བར་སྦེ་གདམ་ཁ་རྐྱབ་ཐོག་ལས་ སར་བར་ བརྡ་དོན་ སྒྲོམ་དེ་ བཀང་ཞིནམ་ལས་ ནང་འབྱོར་ སར་བར་གྱི་མིང་དེ་ “mail.druknet.bt” བཙུགས། ཤུལ་ལས་ གློག་འཕྲིན་ རྩིས་ཐོ་ ཧེང་བཀལ་ ཁ་སྐོང་རྐྱབ་ནིའི་དོན་ལས་ དཔྱད་སྒྲོམ་ “ སྤྱི་ཁྱབ་ ནང་སྒྲོམ་ ལག་ལེན་འཐབ” དེ་ ཞིབ་དཔྱད་འབད་ཡོདཔ་སྦེ་བཞག། དེ་ལས་ ཤུལ་མམ་ཨེབ་གཏང་འབད།
༦. དེ་ལས་ གློག་འཕྲིན་ བྱིན་མཁན་གྱིས་ ཁྱོད་ལུ་ བྱིན་ཏེ་ཡོད་པའི་ ནང་འབྱོར་ ལག་ལེན་པ་གི་མིང་ (དཔེར་ན་ བསྟན་འཛིན་) བཙུགས་ཞིནམ་ལས་ ཤུལ་མམ་ ཨེབ་གཏང་འབད།
༧. ལག་ལེན་པའི་ རྩིས་ཐོའི་ མིང་ བཙུགས་ཞིནམ་ལས་ ཤུལ་མམ་ ཨེབ་གཏང་འབད།
༨. ཁྱོད་ཀྱི་ རྩིས་ཐོ་ གསར་བསྐྲུན་འབད་དེ་ ཡོད་མི་ནང་ལུ་ བརྡ་དོན་ཚུ་ ཨིན་ན་མེན་ན་ བདེན་སྦྱོར་འབད་དགོ། ཁྱོད་ཀྱིས་ མཇུག་བསྡུ་ ཨེབ་རྟ་དེ་ ཨེབ་གཏང་འབད་བའི་སྐབས་ལུ་ སྔོན་སྒྲིག་གིས་ ཞིབ་དཔྱད་འབད་ཡོད་པའི་ དཔྱད་སྒྲོམ་དེ་གིས་ ཁྱོད་རའི་ བྱིན་མཁན་གྱི་ སར་བར་གུ་ཡོད་པའི་ གློག་འཕྲིན་ཚུ་ རང་བཞིན་གྱིས་ ཞིབ་དཔྱད་འབད་འོང།
༩. ཨའིསི་ཌོཔ་དེ་གིས་ གློག་འཕྲིན་རྩིས་ཐོའི་ ཆོག་ཡིག་ ནུས་སྤེལ་འབད་འོང་། གློག་རིག་དེ་ལག་ལེན་འཐབ་མི་ཁྱོད་ར་རྐྱངམ་ཅིག་ཨིན་པ་ཅིན་ཆོག་ཡིག་དེ་ཨ་རྟག་རང་ བཙུགས་མ་དགོ་ནི་གི་དོན་ལུ་ དཔྱད་སྒྲོམ་ ཞིབ་དཔྱད་འབད་ཡོདཔ་སྦེ་བཞག་ དེ་མེན་པ་ཅིག་ ཞིབ་དཔྱད་འབད་དེ་མེདཔ་སྦེ་བཞག།
༡༠. མཐའ་མཇུག་ར་ ཨའིསི་ཌོབ་གི་ ཝིན་ཌོ་ངོ་མ་དེ་ པེན་ གསུམ་ལུ་ བགོ་ཡོད་མི་དེ་མཐོང་འོང་།
མགོ་ གཡོན་གྱི་པེན་ ནང་ལུ་ སྣོད་འཛིན་ སྔོན་སྒྲིག་དང་ སྲོལ་སྒྲིག་ཚུ་ཡོདཔ་ཨིན།
མགོ་ གཡས་ཀྱི་ པེན་ནང་ལུ་ སྣོད་འཛིན་ནང་ལས་ གཡོན་གྱི་པེན་ནང་སེལ་འཐུ་འབད་ཡོད་པའི་ གློག་ཕྲིན་ བཀྲམ་སྟོན་འབད་ནི་ཚུ་ཡོདཔ་ཨིན།
གཤམ་གྱི་ པེན་དེ་ནང་ལུ་ སེས་འཐུ་འབད་ཡོད་པའི་གློག་འཕྲིན་གི་ནང་དོན་ཚུ་ བཀྲམ་སྟོན་འབདཝ་ཨིན།
གློག་འཕྲིན་ ཞབས་ཏོག་སྤྱོད་མི་གཞན་དང་ཕྱདཔ་ད་ ཨའིསི་ཌོབ་གློག་འཕྲིན་ ཞབས་ཏོག་སྤྱོད་མི་དེ་ ལུ་ ཁྱོད་རའི་ གློག་འཕྲིན་ཚུ་ ཁྱོད་རའི་ གསལ་གཞི་གངམ་སྦེ་ ལྷག་ཚུགསཔ་ཨིན།

ནང་སྒྲོམ་- སྔཽན་སྒྲིག་གིས་ ཁྱོད་རའི་ ནང་སྦྱོར་ ཡིག་་འཕྲིན་ཚུ་དེ་ནང་ གསོག་འཇོག་འབད་དེ་ཡོདཔ་ཨིན།
བཏང་བཤོལ་- དེ་ ཨའུཊི་བེགསི་དང་ཅོག་གཅིགཔ་སྦེ་ མཐུད་ལམ་མ་ཐོབ་ཚུན་ཚོད་ བཏང་བཤོལ་ ཡིག་་འཕྲིན་ཚུ་ དོ་ནང་གསོག་འཇོག་འབད་དེ་བཞག་འོང་།
ཟིན་བྲིས་- དེ་ནང་ལུ་ སྲུང་བཞག་འབད་ཡོད་པའི་ ཡིག་འཕྲིན་ཚུ་ གསོག་འཇོག་འབད་དེ་ ཤུལ་ལས་ གཏང་བཏུབ་ཨིན།
གཏང་ཡོད་པའི་ཡིག་འཕྲིན་ཚུ- དེ་ནང་ལུ་ ཁྱོད་ཀྱིས་ གཏང་མི་ ཡིག་འཕྲིན་ཚུ་གི་ འདྲ་བཤུས་རེ་རེ་ གསོག་འཇོག་འབདཝ་ཨིན།
ཕྱགས་ཧོད་- དེ་ནང་ བཏོན་གཏང་ཡོད་པའི་ ཡིག་འཕྲིན་ཚུ་ གསོག་འཇོག་འབདཝ་ཨིན།
There are 3 comments on this page. [Display comments]