ཚིག་ཡིག་གསར་བསྐྲུན་འབད་ཐངས།
ཨིངཀི་སིཀེབ་འདི་གིས་ ཚིག་ཡིག་རིངམོ་སྦེ་ཡོད་མི་དང་ འདི་དང་འདྲཝ་སྦེ་ ཚིག་ཡིག་ཆུང་ཀུ་གི་རིགས་ དཔེ་འབད་བ་ཅིན་འགོ་བརྗོད་ ལས་རྟགས་ བཀོད་རིས་ཁ་ཡིག་ རས་བྱང་ མགོ་ཡིག་ ལ་སོགས་པ་ཚུ་ གསར་བསྐྲུན་འབད་ནི་གི་ནུས་པ་ཡོདཔ་ཨིན། ཨིངཀི་སིཀེབ་ནང་ལུ་ཚིག་ཡིག་གསར་བསྐྲུན་འབད་ནི་གི་དོན་ལུ་ འོག་ལུ་བཀོད་ཡོད་མི་ལབ་སྟོན་ལྟར་མཛད་གནང་།
༡༽ ཚིག་ཡིག་གི་དངོས་པོ་ཅིག་གསར་བསྐྲུན་འབད་ནི་གི་དོན་ལུ་ ཚིག་ཡིག་ལག་ཆས་ (F8)ལུ་ཨེབ་གཏང་འབད་ཞིནམ་ལས་ ཚིག་ཡིག་ག་སྟེ་ལུ་ཡིག་པར་བརྐྱབ་ནི་ཨིན་ན་ དེ་ནང་ལུ་ཨེབ་གཏང་འབད།
༢༽ འབྲི་གཞི་གུ་ལུ་སེལ་འཐུ་འབད་དེ་ཡོད་མི་ ཚིག་ཡིག་དངོས་པོ་དེ་ཞུན་དག་འབད་ནིའི་དོན་ལུ་ ཚིག་ཡིག་དང་ཡིག་གཟུགས་ཌའི་ལོག་སྒྲོམ་(Shift+Ctrl+T)འདི་ཁ་ཕྱེ།
༣༽ ཡི་གུ་དང་ གྲལ་ཐིག་ཚུ་གི་སྟོང་སྙོམས་ཏོང་ཏོ་བཟོ་ནིའི་དོན་ལུ་ Alt+< དང་ Alt+> དེ་ལག་ལེན་འཐབ། འདི་གིས་ ད་ལྟོའི་རྒྱས་ཟུམ་གུ་ ཚིག་ཡིག་དངོས་པོ་གི་ ད་ལྟཽོའི་ གྲལ་ཐིག་ནང་ལུ་ཡོདམི་ ཡི་གུའི་བར་སྟོང་ཚུ་ པི་ཨེགསི་ ༡ གིས་བསྒྱ྄ར་བཅོས་བཟོཝ་ཨིན།
ངོ་མ།
བར་སྟོང་མར་ཕབ་འབད་བའི་ཤུལ་ལས།
༡༽ ཡི་གུ་ཚུ་ཐད་སྙོམས་སྦེ་སྤོ་བཤུད་འབད་ནིའི་དོན་ལུ་ Alt+ གཡས་ཀྱི་མདའ་རྟགས་ དེ་ཨེབ་དགོཔ་དང་ འདི་དང་འདྲཝ་སྦེ་ ཀེར་ཕྲང་སྦེ་སྤོ་བཤུད་འབད་ནིའི་དོན་ལུ་ Alt+ལྟག་གི་མདའ་རྟགས་ ཡང་ན་ Alt+ འོག་གི་མདའ་རྟགས་ འདི་ཨེབ་དགོ།
༢༽ གྲལ་ཐིག་སྣ་མང་ཡོད་པའི་ཚིག་ཡིག་དངོས་པོའི་ནང་ལུ་ གྲལ་ཐིག་བར་སྟོང་སྙོམས་ཏོང་ཏོ་བཟོ་ནིའི་དོན་ལུ་ Ctrl+Alt+< འདི་ཨེབ་དགོ་ དེ་ལས་ ཕྱི་ནང་གི་བར་སྟོང་སྙོམས་ཏོང་ཏོ་བཟོ་ནིའི་དོན་ལུ་ Ctrl+Alt+> འདི་ཨེབ་དགོ། འདི་གིས་ ཚིག་ཡིག་དངོས་པོའི་སྤྱིར་བཏང་གི་མཐོ་ཚད་དེ་ ད་ལྟོའི་རྒྱས་ཟུམ་གུ་ པི་ཨེགསི་ ༡ གིས་བསྒྱུར་བཅོས་འགྱོཝ་ཨིན།
There is one comment on this page. [Display comment]