PAN L10n Wiki : GraphicsInternetPage16

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
འོག་ལུ་ཚུད་ཡོད་མི་དངོས་པོ་སེལ་འཐུ་འབད་ཐངས།

༡༽ དངོས་པོ་གཞན་གྱི་འོག་ལུ་སྦ་སྟེ་ཡོད་མི་དངོས་པོ་ཅིག་སེལ་འཐུ་འབད་ནིའི་དོན་ལུ་ Alt+Click དང་ Alt+Drag ཟེར་མི་བརྡ་བཀོད་གཉིས་ལག་ལེན་འཐབ་དགོ།

image

༢༽ སྤྱི་ཏོག་གུ་ཡོད་མི་དངོས་པོ་འདི་སེལ་འཐུ་འབད་ནིའི་དོན་ལུ་ Alt+Click ཟེར་མི་གཉིས་ཨེབ་དགོཔ་དང་ སྤྱི་ཏོག་གུ་ཡོད་མིའི་འོག་གི་དངོས་པོ་དེ་སེལ་འཐུ་འབད་ནིའི་དོན་ལུ་Alt+Click ཟེར་མི་གཉིས་ལོག་ཚར་གཅིག་ཨེབ་དགོ། གཤམ་གྱི་དངོས་པོ་འདི་གདོང་ཁར་ལྷོད་ཞིནམ་ལས་ ལོག་སྟེ་ Alt+Click གཉིས་ལུ་ཨེབ་མི་འདི་གིས་ སྤྱི་ཏོག་གུ་ཡོད་མི་འདི་སེལ་འཐུ་འབད་འོང་།

image

༣༽ ད་ལྟཽའི་སེལ་འཐུ་འདི་སྤོ་བཤུད་འབད་ནིའི་དོན་ལུ་Alt+Drag ཟེར་མི་གཉིས་ཨེབ།

image

འདྲ་བཤུས་བརྐྱབ་ཐངས་ བཏོག་ཐངས་ དེ་ལས་ སྦྱར་ཐངས།
༡༽ དངོས་པོ་ཅིག་འདྲ་བཤུས་བརྐྱབ་ནིའི་དོན་ལུ་ Ctrl+C ལུ་ཨེབ་གཏང་འབད།
༢༽ དངོས་པོ་ཅིག་བཏོག་ནིའི་དོན་ལུ་ Ctrl+X ལུ་ཨེབ་གཏང་འབད།
༣༽ དངོས་པོ་ཅིག་སྦྱར་ནིའི་དོན་ལུ་ Ctrl+Vལུ་ཨེབ་གཏང་འབད།
༤༽ འདྲ་བཤུས་བརྐྱབས་ཡོད་པའི་དངོས་པོ་ཚུ་ ཧེ་མའི་ས་སྒོ་ནང་ལུ་བཞག་ནིའི་དོན་ལུ་ ས་སྒོའི་ནང་ལུ་བཞག་ ཟེར་མི་འདི་(Ctrl+Alt+V) ལག་ལེན་འཐབ།
༥༽འཛིན་པང་གུ་ཡོད་མི་ དངོས་པོ་དང་པམ་གི་བཟོ་རྣམ་ཚུ་(བཀང་ནི་དང་ ཡིག་གཟུགས་གཞི་སྒྲིག་འབད་ནི་ལ་སོགས་པ་ཚུ་) ད་ལྟོའི་སེལ་འཐུའི་དོན་ལུ་ སྦྱར་ནིའི་བཟོ་རྣམ་ (Shift+Ctrl+V) འདི་ལག་ལེན་འཐབ།

There are 5 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.4864 seconds