PAN L10n Wiki : GraphicsInternetPage15

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ཡིག་ཆའི་འབྲི་གཞི་བཤུད་སྒྲིལ་འབད་ཐངས།

ཨིཀི་སི་ཀེབ་ནང་ལུ་ ཡིག་ཆའི་འབྲི་གཞི་བཤུད་སྒྲིལ་འབད་ཐངས་འདི་ འོག་ལུ་བཤམ་གསལ་ལྟར་འབད་བཏུབ:
ལྡེ་སྒྲོམ་གྱིས་སྦེ་བཤུད་སྒྲིལ་འབད་ནིའི་དོན་ལུ་ Ctrl+arrow དེ་ཨེབ་དགོཔ་ཨིན།
བཤུད་ཕྲ་ཚུ་སྟོན་ནི་དང་སྦ་བཞག་ནིའི་དོན་ལུ་ Ctrl+B འདི་ཨེབ་དགོ།
ཐད་སྙོམས་སྦེ་བཤུད་སྒྲིལ་འབད་ནིའི་དོན་ལུ་ Shift+མའུསུ་གི་འཁོར་ལོ་འདི་འདི་ རང་གི་དགོས་མཁོ་དང་བསྟུན་ ཡར་དང་མར་བསྒྱིར་དགོཔ་ཨནམ་དང་ ཀེར་ཕྲང་སྦེ་བཤུད་སྒྲིལ་འབད་ནིའི་དོན་ལུ་ མའུ་སུ་གི་འཁོར་ལོ་འདི་གིས་ རང་གི་དགོས་དང་འཁྲིལ་འབད་བཏུབ་ཨིན།

བདེ་ཞིབ་འབད་ནི་དང་ རྫུན་མ་བཟོ་ནི་ དེ་ལས་ བཀོ་བཀྲམ་འབད་ཐངས།

དངོས་པོ་འདི་རྫུན་མ་བཟོ་ནིའི་དོན་ལུ་ ཁྱོད་ཀྱིས་Ctrl+D ལུ་ཨེབ་གཏང་འབད་བ་ཅིན་ དངོས་པོ་འརྫུནམ་འདི་སེལ་འཐུ་འབད་དེ་ཚར་ཏེ་ དངོས་པོ་ངོ་མའི་གུ་ལུ་བཞག་སྟེ་ཡོདཔ་མཐོང་ཚུགས། འདི་ཤུལ་ལས་ མདའ་རྟགས་ལྡེ་མིག་དང་ ཡང་ཅིན་ མ་འུསུ་གིས་ འདྲུད་བཏང་ཚུགས།

ཌའི་ལོག་སྒྲོམ་འདི་ཁ་ཕྱེ་ཞིནམ་ལས་ བདེ་ཞིབ་འབད་ནིའི་དོན་ལུ་ Ctrl+Shift+A འདི་ཨེབ་དགོཔ་ཨིན་ ནང་ལུ་ དངོས་པོ་ཚུ་ལེགས་ཤོམ་སྦེ་ཕྲང་ནི་དང་ ས་སྟོང་རན་ཏོག་ཏོ་སྦེ་བགོ་བཀྲམ་འབད་ཚུགས།

དངོས་པོ་ཚུ་བརྩེགས་ཕུང་འབད་ཐངས།

༡༽ སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ ད་ལྟོའི་བང་རིམ་གྱི་སྤྱི་ཏོག་ཁར་ཆེར་བསྐྱེད་འབད་ནིའི་དོན་ལུ་ Homeཟེར་མི་ ལྡེ་མིག་དེ་ལུ་ཨེབ་གཏང་འབད།

༢༽ སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ ད་ལྟོའི་བང་རིམ་གྱི་གཤམ་ལུ་ ཕབ་ནིའི་དོན་ལུ་ End ཟེར་མི་ལྡེ་མིག་འདི་ལུ་ཨེབ་གཏང་འབད།

༣༽ སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་རིམ་པ་གཅིག་གིས་ཆེར་བསྐྱཻད་འབད་ནིའི་དོན་ལུ་ Page Up ཟེར་མི་ལྡེ་མིག་དེ་ལུ་ ཨེབ་གཏང་འབད།

༤༽ སེལ་འཐུ་འབད་ཡོད་པའི་དངོས་པོ་འདི་ རིམ་པ་གཅིག་གིས་ མར་ཕབ་འབད་ནིའི་དོན་ལུ་ Page Downཟེར་མི་ལྡེ་མིག་དེ་ལུ་ཨེབ་གཏང་འབད།

༥༽ Tab key དང་ Shift+Tab གཉིས་འདི་ སྤྱི་ཏོག་གུ་ཡོད་མི་དང་ གཤམ་ལུ་ཡོད་མི་དངོས་པོ་ཚུ་གདམ་ཁ་བརྐྱབ་ནིའི་དོན་ལུ་ ལག་ལེན་འཐབ་ཨིན།

There are 7 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.1521 seconds