དངོས་པོ་སྣ་མང་སེལ་འཐུ་འབད་ཐངས།
འགྱིབ་ཐག་སེལ་འཐུ་འབད་ནི་འདི་ SHIFT+དངོས་པོ་ལུ་ཨེབ་གཏང་འབད་བའིཐོག་ལས་འབད་རུང་ ཡང་ཅིན་ ཁྱོད་ཀྱིས་སེལ་འཐུ་འབད་ཡོད་པའི་དངོས་པོའི་མཐའ་སྐཽར་ཏེ་འདྲུད་པའི་ཐོག་ལས་ ་དངོས་པོའི་གྱངས་ཁ་ སེལ་འཐུ་འབད་ཐངས་ཀྱི་ཐབས་རིག་ཅིག་ཨིན།
༡༽སེལ་འཐུའི་གྲངས་སུ་མི་བཙུགས་ནིའི་དོན་ལུ་ SHIFT+CLICK ཨེབ་གཏང་འབད་དགོ།
༢༽ སེལ་འཐུ་འབད་ཡོད་མི་གང་རུང་ཅིག་སེལ་འཐུ་མ་འབད་བར་བཞག་ཐབས་ལུ་ Esc འདི་ཨེབ་དགོ།
༣༽ ད་ལྟོའི་བང་རིམ་ནང་ལུ་ཡོད་མི་དངོས་པོ་ཚུ་ཆ་མཉམ་སེལ་འཐུ་འབད་ནིའི་དོན་ལུ་ Ctrl+A ཨེབ་དགོ།
སྡེ་ཚན་གསར་བསྐྲུན་འབད་ཐངས།
སྡེ་ཚན་ཟེར་མི་འདི་ འདྲུད་པའི་སྐབས་དང་བཟོ་བསྒྱུར་འབད་བའི་སྐབས་ལུ་ དངོས་པོ་ལེ་ཤ་གཅིག་ཁར་བསྡུ་གསོག་འབད་མི་འདི་ལུ་སླབ་ཨིན།
༡༽ སྡེ་ཚན་གསར་བསྐྲུན་འབད་ནིའི་དོན་ལུ་ དངོས་པོ་ཡང་འདི་ལས་ཡང་ལྷག་སྟེ་སེལ་འཐུ་འབད་ཚར་ཞིནམ་ལས་ Ctrl+G ཨེབ་གཏང་འབད་དགོ།
༢༽ དྲག་ཤོས་སྦེ་ཡོད་མི་ སྡེ་ཚན་གཅིག་ཡང་ན་ འདི་ལས་ལྷག་པའི་སྡེ་ཚན་ཚུ་ སྡེ་ཚན་སྦེ་བཟོ་ཡོད་མི་འདི་བཤུབས་ནིའ་དོན་ལུ་ Ctrl+U ཨེབ་དགོ་དེ་ལས་ སྡེ་ཚན་ལེ་ཤ་སྦེ་ཡོད་མི་ཚུ་ སྡཻ་ཚན་ནང་ལུ་བཙུགས་ནིའི་དོན་ལུ་ Ctrl+U ལོོག་ཅི་ལོག་ཅི་རང་ཨེབ་དགོཔ་ཨིན།
༣༽ སྡེ་ཚན་ནང་འཁོད་ནང་ཡོད་པའི་དངོས་པོ་འདི་ཞུན་དག་འབད་ནིའི་དོན་ལུ་ Ctrl+Click ཨེབ་དགོ།
༤༽སྡེ་ཚན་བཟོ་ནི་མ་ཡིན་པའི་ སྣ་མང་སེལ་འཐུའི་དོན་ལུ་ དངོས་པོ་ལེ་ཤ་ཅིག་ཞུན་དག་འབད་ནིའི་དོན་ལུ་ Shift+Ctrl+Clickགསུམ་ཨེབ་དགོ།
There are 2 comments on this page. [Display comments]