PAN L10n Wiki : GraphicsInternetPage12

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
ལྡེ་སྒྲོམ་ལག་ལེན་འཐབ་པའི་ཐོག་ལས་ དངོས་པོ་བཟོ་བསྒྱུར་འབད་ཐངས།

༡༽ དངོས་པོ་ཚད་ཐིག་བཀལ་ནིའི་དོན་ལུ་ < དང་ > གཉིས་ཨེབ་དགོཔ་ཨིན། སྔོན་སྒྲིག་གི་ཐོག་ལས་འབད་བ་ཅིན་ ཆ་ཚད་འཇལ་ནི་འདི་ px ༢ ཀྱི་ཐོག་ལས་འབད་ཚུགས། འདི་དང་འདྲཝ་སྦེ་ SHIFT དང་གཅིག་ཁར་ཨིན་པ་ཅིན་ འདི་གིས་ཚར་ ༡༠ཆ་ཚད་འཇལཝ་ཨིན། ངོ་མ་འདི་ལས་ བརྒྱ་ཆ་གཉིས་བརྒྱ་(༢༠༠%)འབད་རུང་ ཡང་ཅིན་ བརྒྱ་ཆ་ ལྔ་བཅུ་(50%) ཆ་ཚད་འཇལ་དགོ་པ་ཅིན་ Ctrl+>(ལྟག་གི་ཐིག་ཚད་འདི་སེང་ནི་) or Ctrl+<(འོག་གི་ཐོག་ཚད་འདི་སེང་ནི་) རིམ་པ་བཞིན་དུ་ཨེབ་དགོཔ་ཨིན།

image image

༡༽དངོས་པོ་སྤོ་བཤུད་འབད་ནིའི་དོན་ལུ་ མདའ་རྟགས་འདི་ཨེབ། སྔོན་སྒྲིག་གི་ཐོག་ལས་འབད་བ་ཅིན་ སྤོ་བཤུད་འབད་ནི་འདི་ 2px གི་ཐོག་ལས་འབདཝ་ཨིནམ་དང་ SHIFT གི་ཐོག་ལས་འབད་བ་ཅིན་ འདི་གིས་ཚར་ ༡༠ སྤཽ་བཤུད་འབདཝ་ཨིན།

image

༢༽དངོས་པོ་བསྒྱྀར་ནིའི་དོན་ལུ་ [ དང་ ] གཉིས་ཨེབ་དགོ སྔོན་སྒྲིག་གི་ཐོག་ལས་འབད་བ་ཅིན་ དངས་པོ་འདི་ དབྱེ་རིམ་ ༡༥ ཚུན་ཚོད་བསྒྱངར་བཏུབ་ཨིནམ་དང་ Ctrl ལག་ལེན་འཐབ་ཐོག་ལས་འབད་བ་ཅིན་ འདི་གིས་དབྱེ་རིམ་ ༩༠ ཚུན་ཚོད་བསྒྱིར་བཏུབ།

image image image

༣༽པིག་སེལ་ཚད་བཟོ་བསྒྱུར་འབད་ནི་གྱི་དོན་ལུ་ པིག་སེལ་གཅིག་ད་ལྟཽའི་རྒྱས་ཟུམ་གུ་བཞག་ཞིནམ་ལས་ སེལ་འཐུ་འདི་སྤོ་བཤུད་འབད་ནིའི་དོན་ལུ་ Alt + Arrow གཉིས་ཨེབ་གཏང་འབད། འདི་དང་འདྲཝ་སྦེ་ དངོས་པོ་འདི་ པིག་སེལ་གསལ་གི་གཅིག་གིས་ཐོག་ལས་ ཆ་ཚད་འཇལ་ནིའི་དོནལུ་ Alt + > དང་ + < གཉིས་ཨེབ་གཏང་འབད་དགོཔ་དང་ དངོས་པོ་འདི་ པིག་སེལ་གསལ་གཞི་གཅིག་གིས་ཐོག་ལས་བསྒྱིར་ནིའི་དོན་ལུ་ Alt+[ དང་ Alt+] གཉིས་ལུ་ཨེབ་གཏང་འབད་དགོ།

There is one comment on this page. [Display comment]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.3366 seconds