PAN L10n Wiki : GraphicsInternetPage11

HomePage :: Categories :: PageIndex :: RecentChanges :: RecentlyCommented :: Login/Register
སྤོ་བཤུད་འབད་ཐངས་དང་ ཆ་ཚད་འཇལ་ཐངས་ དེ་ལས་ བསྒྱིར་ཐངས་ཚུ་གི་སྐོར།

གོང་ལུ་བཀོད་མི་བཀོལ་སྤྱོད་འདི་ལག་ལེན་འཐབ་ནིའི་དོན་ལུ་ སེལ་འཐུ་འབད་མི་འདི་ འཕྲལ་འཕྲལ་རང་ལག་ལེན་འཐབ་དགོ་པའི་ལག་ཆས་ཅིག་ཨིན།
སེལ་འཐུ་འབད་མི་གི་ནང་ལུ་ ཁྱོད་ཀྱིས་ དཔེ་འབད་བ་ཅིན་ ཀ་དང་ཁ གང་རུང་དོན་ལུ་ གནས་གོང་ཏན་ཏན་ཅིག་གཞི་སྒྲིག་འབད་ནིའི་དོན་ལུ་ ཁྱོད་ཀྱིས་ ཨང་གྲངས་ཀྱི་གནས་གོང་ཚུ་ཡང་བཙུགས་ཚུགས་ འདི་དང་འདྲཝ་སྦེ་ གང་རུང་དོན་ལུ་ཚད་ག་དེམ་ཅིག་དགོ་པ་འདུག་ག་འདི་ཚུ་ཡང་ བཙུགས་ཚུགས།
པར་འབྲི་ནི་གི་ས་སྒཽའི་ནང་ལུ་དངོས་པོ་གང་རུང་ཅིག་སེལ་འཐུ་འབད་ནིའི་དོན་ལུ་ Space tab ཡང་ན་ F1 འདི་ཨེབ་དགོ། གྲུ་བཞི་ནར་མོ་འདི་ལུ་ མདའ་རྟགས་བརྒྱད་འོངམ་ཨིན་ འདི་གིས་འོག་ལུ་བཀོད་ཡོད་མི་ལཱ་ཚུ་འབད་ནི་ལུ་ཕན་ཐོགས་ཡོདཔ་ཨིན།

image

༡༽ སྤོ་བཤུད་འབད་ནི་ : དངོས་པོ་འདི་སྤོ་བཤུད་འབད་ནིའི་དོན་ལུ་ འདྲུད་དགོ་ དེ་ལས་ ཐད་སྙོམས་དང་ཀེར་ཐིག་འདི་སྤོ་བཤུད་མ་འབད་བ་བཞག་ཐབས་ལུ་ Ctrl འདི་ཨེབ་དགོཔ་ཨིན།

༢༽ ཆ་ཚད་འཇལ་ནི་ : དངོས་པོ་འདི་ཆ་ཚད་འཇལ་ནིའི་དོན་ལུ་ བཤེད་བཟུང་གང་རུང་ཅིག་འདྲུད་ཞིནམ་ལས་ དེ་ལས་མཐོ་ཚད་དང་རྒྱ་ཚད་ཀྱི་དཔྱ་ཚད་ངོ་མ་འདི་ཉམས་སྲུང་འབད་ནིའི་དོན་ལུ་ Ctrl ཨེབ་དགོ།

༣༽ བསྒྱིར་ནི་ : དངོས་པོ་བསྒྱིར་ནིའི་དོན་ལུ་ ཟུར་ཁ་ལུ་ཡོད་མི་བཤེད་བཟུང་འདི་འདྲུད་དགོ་ དེ་ལས་ བསྒྱིར་ནི་གི་སྦུག་འདི་གི་གནས་ས་ལེགས་ཤོམ་སྦེ་བཟོ་ཐབས་ལུ་ ཕན་ཚུན་སྐེདཔ་བཏོག་སྟཻ་ཡོད་མི་རྟགས་འདི་ འདྲུད་དགོཔ་ཨིན། བསྒྱིར་ནི་འདི་ དབྱེ་རིམ་ ༡༥ ཚུན་ཚོད་ལྷོད་ནི་ལས་ཉམས་སྲུང་འབད་ནིའི་དོན་ལུ་ Ctrl.འདི་ཨེབ།

༤༽ གསེག་ལོག་འབད་ནི་ : དངོས་པོ་གཏུབ་ནིའི་དོན་ལུ་ ཁུག་ཟུར་མ་ཡིན་པའི་བཤེད་བཟུང་ཚུ་འདྲུད་དགོ་ དེ་ལས་ དབྱེ་རིམ་ ༡༥ ཚུད་ཚོད་གསེག་ལོག་འབད་ནི་ལས་ཉམས་སྲུང་འབད་ནིའི་དོན་ལུ་ Ctrl. ཨེབ་དགོཔ་ཨིན།

There are 3 comments on this page. [Display comments]

Valid XHTML 1.0 Transitional :: Valid CSS :: Powered by Wikka Wakka Wiki 1.1.6.3
Page was generated in 0.1172 seconds