ཇི་ཨའི་ཨེམ་པི་ཨེསི་(ཇི་ཨེན་ཡུ་ གཟུགས་བརྙན་ལག་ལེན་བསྟར་བའི་ལས་རིམ་)།
ཇི་ཨེན་ཡུ་ གཟུགས་བརྙན་ལག་ལེན་བསྟར་བའི་ལས་རིམ་འདི་ ཨེ་ཌོ་བི་ ཕོ་ཊོ་ཤོབ་དང་ཆ་འདྲ་བའི་མཉེན་ཆས་སྟོང་མར་ཨིནམ་དང་ དེ་ནང་ གཟུགས་བརྙན་ཚུ་ཞུན་དག་དང་གཡོ་བཅོས་འབད་བཏུབ་ཨིན། དེ་གིས་ གཟུགས་བརྙན་རྩ་སྒྲིག་ཚུ་མངོན་གསལ་དང་སྲུང་བཞག་འབད་བཏུབ་པའི་ཁར་ ཤུལ་ལས་རྩ་སྒྲིག་གཞན་ནང་ཡང་ གཞི་བསྒྱུར་འབད་བཏུབ་ཨིན།
དེ་མ་ཚད་ པར་རིས་དང་ཚོན་གཏང་ནིའི་ལག་ཆས་ དཔེར་ན་ པྱིར་ ངོ་འདྲ་ པི་སི་ལ་སོགས་པ་ཚུ་ཡོདཔ་ལས་ ཚོན་གཏང་ནིའི་རིགས་ཚུ་ཡང་འབད་བཏུབ་པའི་ཁར་ གཟུགས་བརྙན་ཆ་མཉམ་ལུ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ ཚོན་གཏང་བཏུབ་ཨིན། གཞན་ཡང་ གདམ་ཁའི་རིགས་ གྲུ་བཞི་ནར་མོ་ སྒོང་དབྱིབས་ རབ་རིབ་ བི་ཛི་ཡར་ལ་སོགས་པའི་ལག་ཆས་ཚུ་ གང་འདོད་ལྟར་དུ་ སེལ་འཐུ་འབད་ནི་ཡོདཔ་ཨིན།
དོ་རུང་ ཇིམཔ་གིས་ གཟུགས་བརྙན་ལག་ལེན་བསྟར་ནི་ དཔེར་ བུམཔ་མེཔ་ མཐའི་སྐྱོན་འཛིན་ གའུ་སི་ཡཱན་བལར་ལ་སོགས་པའི་ལས་འགན་འགྲུབ་ནི་ལུ་ པ་ལག་ཨིན་སྣ་ཚོགས་ཀྱི་མཐུན་རྐྱེན་ཚུ་བྱིནམ་ཨིན།
ཇི་ཨའི་ཨེམ་པི་(ཇིམཔ་) ལག་ལེན་འཐབ་ཐངས།
གློག་རིམ་ > ཚད་རིས་ > ཇིམཔ་གཟུགས་བརྙན་ཞུན་དགཔ་ལུ་འགྱོ།
གཟུགས་བརྙན་གྱི་ཚད་ བསྒྱུར་བཅོས་འབད་ཐངས།
གཟུགས་བརྙན་ཞུན་དག་འབད་ནི་ལུ་ ཡིག་སྣོད་ > ཁ་ཕྱེ་(ཚད་འཛིན་+ཨོ་)ལུ་འགྱོ།
ཁྱོད་ཀྱིས་ པར་འདི་གུ་ གཡས་ཀྱི་ཨེབ་གཏང་འབད་བའི་ཐོག་ལས་ གཟུགས་བརྙན་ > གཟུགས་བརྙན་ཚད་འཇལ་ལུ་འགྱོ་ (གཟུགས་བརྙན་གྱི་ཚད་འདི་བསྒྱུར་བཅོས་འབད་བཏུབ་ཨིན་)།
There are 6 comments on this page. [Display comments]